您的位置:首页 > 新闻频道 > 通知公告
གཞུང་ལམ་བཀག་སྡོམ་བརྡ་ཁྱབ །
来源:    时间:2018年07月23日    

 ཐུན་ཏེ་རྫོང་གྲོང་གསེབ་བྱང་སྐོར་ལམ་གྱི་ལམ་སྣེ་བསྲིང་བའི་གྲོང་ཁྱེར་དང་སྲིད་གཞུང་གི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། ད་ཆ་གཞུང་ལམ་ཡོངས་སུ་བཀག་སྡོམ་བྱེད་པའམ་ལམ་ཕྱེད་བཀག་སྡོམ་གི་བྱེད་ཐབས་ལག་བསྟར་བྱས་ཏེ་ཨར་ལས་བྱེད་རྒྱུ་ཡིན་ལ ། ཨར་ལས་བྱེད་པའི་དུས་ཡུན་ནི2018ལོའི་ཟླ7པའི་ཚེས21ནས2019ལོའི་ཟླ7པའི་ཚེས21བར་ཡིན།

  གཅིག ཤར་སྣེ་འབའ་ནས་དར་མཚོ་བར་གྱི་ལམ་ནས་ལས་མགོ་བརྩམས་ཏེ་མཇུག་མཆོད་རྟེན་ལམ་དང་གསེར་ཁང་ཤར་ལམ་ལ་ཐུག་ཡོད་པ་དང་། རིང་ཚད་ཡོངས་སུ་རྨིད999.082ཡོད་ཅིང་། དེ་རུ་ལམ་ཕྱེད་བཀག་སྡོམ་གྱི་ཨར་ལས་བྱེད་རྒྱུ་ཡིན་ལ། ནུབ་ཀྱི་མཆོད་རྟེན་ལམ་དང་གསེར་ཁང་ཤར་ལམ་ནས་ཤར་གྱི་དར་མཚོ་ལམ་ནི་ཁེར་ལམ་གྱི་འབུད་སྒོ་ཡིན་པ་དང་། ཐུན་ཏེ་རྫོང་ནང་ཁུལ་དུ་འཁོར་ལོའི་རིགས་འགྲོ་ཚེ་ཤར་ནས་ནུབ་ཀྱི་རྫོང་རི་ལམ་ནི་འཇུག་སྒོ་ཡིན། ལམ་བཀག་སྡོམ་བྱེད་པའི་དུས་ཡུན་ནི2018ལོའི་ཟླ7པའི་ཚེས21ནས2018ལོའི་ཟླ10བའི་ཚེས15བར་ཡིན།

  གཉིས། ནུབ་སྣེའི་ལས་མགོ་འཛུགས་ས་གསེར་ཁང་ནུབ་ལམ་ནས་མཇུག་ཀྲིན་ཝང་ཁ་ལོ་བའི་སློབ་གྲྭའི་སུམ་མདོ་ལ་ཐུག་ཡོད་པ་དང་། རིང་ཚད་ལ་རྨིད360ཡོད་ཅིང་། དེ་ལམ་ཡོངས་སུ་བཀག་སྡོམ་གྱི་ཨར་ལས་བྱེད་རྒྱ་ཡིན་ལ། འཁོར་ལོའི་རིགས་ལྷོ་སྐོར་ལམ་དུ་བསྐོར་ནས་འགྲོ་དགོས། ལམ་བཀག་སྡོམ་བྱེད་པའི་དུས་ཡུན་ནི2018ལོའི་ཟླ7པའི་ཚེས21ནས2018ལོའི་ཟླ10བའི་ཚེས15བར་ཡིན།

    སྡོམ་པའི་ལམ་སྣེ་གཉིས་ཀྱི་གཞུང་ལམ་དང་ཆུ་འབུད། གློག་སྒྲོན་སོགས་ཀྱི་བཟོ་སྐྲུན་བསྐྱར་སྐྲུན་བྱེད་དགོས་ལ། ཨར་ལས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱ་ཆེད། བྱང་སྐོར་ལམ་གྱི་བསྲིང་སྣེ་ལ་གནས་སྐབས་སུ་དུམ་སྣེ་དབྱེ་ནས་ལམ་ཡོངས་སུ་བཀག་སྡོམ་བྱེད་པའམ་ལམ་ཕྱེད་བཀག་སྡོམ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བརྡ་ཁྱབ་གཤམ་གསལ་ལྟར། 

(1) 2018ལོའི་ཟླ7པའི་ཚེས21ནས2019ལོའི་ཟླ7པའི་ཚེས21བར་བྱང་སྐོར་ལམ་གྱི་བསྲིང་སྣེ་ལ་གཞུང་ལམ་དུམ་སྣེ་དབྱེ་ནས་ལམ་ཡོངས་བཀག་སྡོམ་བྱེད་པའམ་ལམ་ཕྱེད་བཀག་སྡོམ་བྱས་ཏེ་ཨར་ལས་བྱེད་པ་དང་། འགྲོ་འོང་བྱེད་པའི་ལམ་འགྲོ་བ་དང་འཁོར་ལོའི་རིགས་འགྲིམ་འགྲུལ་ཕྱོགས་སྟོན་བྱང་བུ་ལྟར་སྔ་མོ་ནས་བསྐོར་ནས་འགྲོ་དགོས།

(2) ལམ་འགོག་པའི་དུས་ཡུན་ནང་ཚོང་ཁང་ཚང་མས་སྔ་མོ་ནས་ཚོང་ཟོག་ནང་འདྲེན་ཕྱིར་གཏོང་གི་དུས་ཚོད་བཀོད་སྒྲིག་གང་ལེགས་བྱས་ཏེ། ལམ་བཀག་སྡོམ་བྱས་ནས་ཨར་ལས་བྱེད་སྐབས་འགལ་རྐྱེན་མི་འབྱུང་བ་བྱེད་དགོས།

(3) རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་གྱིས་ཨར་ལས་བྱེད་པར་རམ་འདེགས་བྱེད་པ་དང་། འགྲིམ་འགྲུལ་མཛུབ་སྟོན་བརྩི་བསྲུང་བྱས་ཏེ། ལུགས་མཐུན་སྒོས་ཕྱིར་སྐྱོད་གཞུང་ལམ་འདེམས་ནས་འགྲིམ་འགྲུལ་བདེ་འཇགས་ལ་ཉམས་འཇོག་བྱེད་དགོས། ཨར་ལས་ཀྱིས་སྐུ་ཉིད་ལ་སྟབས་མི་བདེ་བ་བཟོས་པར་བཟོད་སྒོམ་གནང་རོགས་ཞུ།

 

ཐུན་ཏེ་རྫོང་འཕེལ་རྒྱས་བཅོས་བསྒྱུར་དང་དཔལ་འབྱོར་ཚོང་དོན་ཅུའུ།        

 

འབའ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས།         ཐུན་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ།               

 

 

ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན                ཐུན་ཏེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ།             

 

 

                                                                                    2018ལོའི་སྤྱི་ཟླ7པའི་ཚེས11ལ།